བལ་ཡུལ་ཟས་བཅད་ངོ་རྒོལ།

ཀརྟི་དགོན་པའི་ནང་ཛ་དྲག་གི་གནས་སྟངས་མཚམས་འཇོག་ཡོང་ཆེད་དུ་བལ་ཡུལ་བོད་མི་ཚོས་ཟས་བཅད་ངོ་རྒོལ།

བལ་ཡུལ་དུ་བོད་མི་ཚོས་ཨ་མདོ་རྔ་བ་ཀརྟི་དགོན་པའི་ནང་ཛ་དྲག་གི་གནས་སྟངས་ཞི་འཇམ་ཡོང་ཆེད་དུ་ཟས་བཅད་ངོ་རྒོལ་གནང་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཀླུ་འབུམ་བཀྲ་ཤིས།
གསར་འགྱུར་ལ་གསན་རོགས།

༄༅༎བལ་ཡུལ་གྱི་རྒྱལ་ས་ཀཊ་མན་ཌུ་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་གོ་སྒྲིག་འོག བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ཨ་མདོ་རྔ་པ་ཀརྟི་དགོན་པའི་ནང་དམ་བསྒྲགས་དང་ཛ་དྲག་གི་གནས་སྟངས་མཚམས་འཇོག་ཡོང་ཆེད་དུ། ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར། འདི་གའི་བལ་ཡུལ་གསར་འགོད་པ་ཀླུ་འབུམ་བཀྲ་ཤིས་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པ་ཞིག་ལ་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org