བགྲེས་སོང་ཚོར་བཀའ་སློབ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཚེས་༡༩ཉིན་གྱི་ཉིན་རྒྱབ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཁུལ་དུ་ཡོད་པའི་བོད་མི་བགྲེས་སོང་ཁག་ཅིག་ལ་མཇལ་ཁ་དང་ལམ་སྟོན་བཀའ་སློབ་གནང་འདུག

༧གོང་ས་མཆོག་ནས་བོད་མི་བགྲེས་སོང་ཚོར་ཐུགས་བརྩེ་བ་ཆེན་པོས་བཀའ་སློབ་གནང་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀུན་བཟང་བསྟན་འཛིན།

༄༅།    །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་མོན་གྷོ་འདོད་རྒུ་གླིང་དུ་ས་གནས་འགྲེས་ སོང་ཁག་ཅིག་ལ་མཇལ་ཁ་དང་།    དམིགས་གསལ་བཀའ་སློབ་གནང་སྐབས།    སྐྱེ་བའི་ཐ་མ་འཆི་རྒྱུ་ཡིན་པ་དེ་ལྟར་ཡང་།    སྐྱེ་བ་རྗེས་མ་མི་ལུས་རིན་པོ་ཆེ་དང་།    ལྷག་པར་དུ་བོད་པའི་སྤྱི་ཚོགས་ནང་སྐྱེས་ཐུབ་པའི་སྨོན་ལམ་རྒྱག་དགོས་པའི་ལམ་སྟོན་གནང་སོང་།    དེའི་སྐོར་ང་ཚོའི་ལྷོ་ཕྱོགས་ཀྱི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org