རྒྱ་གཞུང་གིས་དགེ་འདུན་པ་ཁག་ལ་བཟི་སྨན་བརྒྱབ་ཡོད་པ།

ད་ལོ་བོད་ནང་ཞི་བའི་ངོ་རྒོལ་བྱུང་བའི་སྐབས་རྒྱ་ནག་གཞུང་གིས་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་ཁག་ཅིག་ལ་བཟི་སྨན་བརྒྱབ་ཡོད་པ་རེད།

གསར་འགྱུར་ལ་གསན་རོགས་གནང་།

༄༅༎ད་ལོ་བོད་ནང་དུ་ཞི་བའི་ངོ་རྒོལ་བྱུང་བའི་སྐབས་སེ་འབྲས་དགའ་གསུམ་ནང་་སློབ་གཉེར་གནང་བཞིན་པའི་ཨ་མདོ་དང་ཁམས་ཀྱི་དགེ་འདུན་པ་རྣམས་རྒྱ་ནག་གཞུང་གིས་ན་གོར་མོ་རུ་འཛིན་བཟུང་བཀག་ཉར་བྱས་པའི་སྐབས་གྲྭ་བ་ཁག་ཅིག་ལ་བཟི་སྨན་བརྒྱབ་ནས་ད་ལྟའང་སྐད་ཆ་བཤད་མ་ཐུབ་པའི་གནས་སྟངས་ལ་ཆགས་ཡོད་པའི་སྐོར་འདི་གའི་གསར་འགོད་པ་གདུགས་དཀར་འབུམ་གྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org