གསུང་རབ་ལགས་ཀྱི་ནང་མི་སྤུན་མཆེད་བཀག་འགོག་བྱས་པ།

རྒྱ་ནག་གིས་གསུང་རབ་ལགས་ཁོང་གི་ནང་མི་སྤུན་མཆེད་དང་ཐུག་འཕྲད་བྱ་རྒྱུར་བཀག་འགོག་བྱས་པའི་གནས་ཚུལ།

རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཉེན་དམིགས་འོག་བཙོན་འཇུག་བྱས་པའི་ཨ་མདོ་རྨ་ཆུ་རྫོང་གི་དགེ་འདུན་པ་གསུང་རབ་ལགས། ཀླུ་འབུམ་བཀྲ་ཤིས།
གསར་འགྱུར་ལ་གསན་རོགས།

༄༅༎སྤྱི་ཟླ་དང་པོའི་ནང་བོད་ཀྱི་ཨ་མདོ་ཀན་ལྷོ་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་ཡུན་ལོ་༣་གྱི་བཙོན་འཇུག་ཁྲིམས་ཆད་བཏང་པའི་ཨ་མདོ་རྨ་ཆུ་རྫོང་གི་དགེ་འདུན་པ་གསུང་རབ་ལགས། ནང་མི་སྤུན་མཆེད་དང་ཐུག་འཕྲད་བྱ་རྒྱུར་བཀག་སྡོམ་བྱེད་ཡོད་པ་དང༌། གཞན་ཡང་རྨ་ཆུ་བོད་མི་གཉིས་ལ་དུས་བཀག་བཙོན་འཇུག་བྱས་ཡོད་པའི་སྐོར། བོད་ཨ་མདོ་ཕྱོགས་ནས་མིང་འདོན་གནང་འདོད་མེད་པའི་བོད་མི་ཞིག་གིས། འདི་གའི་གསར་འགོད་པ་ཀླུ་འབུམ་བཀྲ་ཤིས་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org