རྒྱ་ནག་ཉེན་རྟོག་པས་བཀྲིས་དོན་གྲུབ་འཚོལ་བཞིན་པ།
སོག་ཕྲུག་བཀྲིས་དོན་གྲུབ་ཀྱིས་བཏོན་པའི་བོད་གཞས་ཀྱི་སི་ཌི་དེ་དག་རྒྱ་གཞུང་གིས་གཞུང་བཞེས་གཏོང་བཞིན་ཡོད་པའི་གནས་ཚུལ།
-
2009-11-23 -
-
-
སོག་ཕྲུག་བཀྲིས་དོན་གྲུབ་ཀྱི་འདྲ་པར།
གསར་འགོད་པ་ཀླུ་འབུམ་བཀྲ་ཤིས།
Your browser doesn’t support HTML5 audio
༄༅༎ཟླ་བ་འདིའི་ཕྱི་ཚེས་བཞི་འམ་ལྔའི་ཉིན།སོག་ཕྲུག་བཀྲིས་དོན་གྲུབ་ལགས་ཀྱིས་ངས་བླ་མ་དྲན་པའི་སྡུག་བསྔལ་འདི།ངས་གངས་ཅན་ཡུལ་དུ་སྒྲོག་རྒྱུ་ཡིན།གསད་གཏང་རུང་འགྱོད་པ་ང་མེད་ཅེས་སི་ཌི་གསར་པ་ཞིག་བཏོན་པར་བརྟེན།ད་ཆ་རྒྱ་ནག་གཞུང་གིས་ཁོང་གི་སི་ཌི་དེ་གཞུང་བཞེས་གཏོང་བཞིན་ཡོད་པ་མ་ཟད་ཉེན་རྟོག་པས་ཁོང་འཚོལ་བཞིན་ཡོད་པའི་སྐོར།འདི་གའི་གསར་འགོད་པ་ཀླུ་འབུམ་བཀྲ་ཤིས་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎