རྟ་རྒྱུགས་རྩེད་འགྲན་ཐད་བསམ་ཚུལ་མི་མཐུན་པ།

བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་རྟ་རྒྱུགས་འགྲན་སྡུར་གྱི་རྩེད་མོའི་རིགས་ཁྱབ་བརྡལ་འགྲོ་བཞིན་པ་དང་ཕྱོགས་མཚུངས། མང་ཚོགས་ཀྱི་ནང་རྩེད་འགྲན་དེ་ཚོའི་ཐད་བསམ་ཚུལ་མི་མཐུན་པ་ཡོང་བཞིན་འདུག

༄༅།    །དེ་ཡང་བོད་ནང་གི་གནས་སྟངས་ཛ་དྲག་འོག་གནས་བཞིན་ཡོད་པ་དང།    ལྷག་པར་དུ་བོད་མི་༤༤    ནས་བོད་རྩ་དོན་ཆེད་རང་ལུས་མེར་བསྲེགས་གནང་ཡོད་དུས།    རྟ་རྒྱུགས་སོགས་ཀྱི་རྩེད་འགྲན་དེ་ཚོ་ཚོང་དོན་སོགས་གཞན་ལ་དམིགས་པ་མ་ཡིན་པར་སྤྲོ་སྐྱིད་ཆེད་དམིགས་པ་ཞིག་ཡིན་ན།    མི་འོས་པ་ཡིན་སྐོར་གྱི་དགོངས་ཚུལ་གསུངས་འདུག    ཞིབ་ཕྲ་ང་ཚོའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་གནས་ཚུལ་བཏང་བར་གསན་རོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org